བསོད་མེད་སྤྲང་པོའི་ཚེ་ལ།།
ཡབ་ཆེན་འབོ་འདཽད་སྐྱེ་ཀྱང་།།
འཇིག་རྟེན་འདི་ལས་འདས་ནས།།
འབོ་བཀལ་རང་ལ་མིན་འདུག།
འཁོར་བའི་བུའི་ཚེ་ལ།།
སྐྱོ་བ་བསམ་ལས་འདས་ཀྱང་།།
ཡུམ་ཆེན་ཨ་མའི་ལུས་ལ།།
འགྲིབ་རྒུད་མེད་ན་དགའ་སོང་།།
སྙིང་ནས་དྲན་པའི་གཅེས་ཕྲུག།
ཐག་རིང་རྒྱང་ལ་ལུས་ནས།།
ཕང་མར་ལེན་པའི་བསམ་བློ།།
ཡང་ཡང་སེམས་ལ་ཤར་བྱུང་།།
དགའ་དང་བརྩེ་བའི་རྟེན་གྲོགས།།
ལ་མོའི་རྒྱབ་ལ་ལུས་ཡང་།།
བརྩེ་གདུངས་སེམས་ཀྱི་དམ་ཚིག།
འཁྱོལ་མེད་ཧིང་ཁར་ཡོད་དོ།།
No comments:
Post a Comment