ཨ་མའི་དྲིན་ལན་བསམ་ནས།།
ཞབས་ཏོག་གྲུབ་དགོ་བསམ་ཡང་།།
ལ་དང་ལུང་གིས་བཅད་ནས།།
ཞབས་ཏོག་གྲུབ་དབང་མ་བྱུང་།།
ལ་ཆེན་སྙིང་གིས་སྤེད་དེ།།
ལུང་ཆེན་ཟམ་པ་རྐྱབ་ཀྱང་།།
ཨ་མའི་དྲིན་ལན་རི་ཆེན།།
འབྱོར་བའི་དུས་སྐབས་མ་བྱུང་།།
ཚེ་ལ་བར་ཆད་མེད་ཤོག།
ཨ་མ་སྐུ་ཚེ་རིང་ཤོག།
བུའི་སྨོན་ལམ་བཏབ་ཆེན།།
འཕྲལ་དང་མྱུར་དུ་གྲུབ་ཤོག།
No comments:
Post a Comment