Wednesday, October 30, 2013

རེ་ལི་ནང་འགོ་ཐོག་འགྱོ་བའི་ཚོར་སྣང་།།

       
རྩོམ་སྒྲིག་པའི་པར་ལས།།
  ༉    གནམ་ལོ་ ༢༠༡༡ དབྱིན་ཟླ་ ༨ པའི་ནང་   རྒྱ་གར་ཀུཆ་བི་ཧཱར་ལས་ དྲི་ལི་ཚུན་ རེ་ལི་ནང་འགྱོ་མི་འདི་ བུཚ་རང་གི་མི་ཚེ་ནང་  རེ་ལི་ནང་འགོ་ཐོག་ཨིན།  རེ་ལི་འདི་ནང་ཧེ་མ་  འགྲོ་འགྲུལ་འབད་རང་མ་འབད་ནི་འདི་གིས་  གྲལ་རིམ་འདི་ནང་འགྱོ་ནི་ཐོབ་འབད་  སེམས་ཁར་དགའ་སྤྲོ་ཚད་མེད་འབྱུང་ཡི།  དགའ་སྤྲོ་འདི་དང་ཅིག་ཁར་  ཧེ་མ་གྲལ་རིམ་ནང་ འགྲོ་འགྲུལ་འབད་བའི་ཉམས་མྱོང་མེདཔ་ལས་  ཚ་གྱང་ཅིག་ཡང་འབྱུང་ཡི།  ཨིན་རུང་ང་བཅས་འགྲོ་འགྲུལ་པ་ཆ་རོགས་ཡོདཔ་མ་ཚད་  ཉམས་མྱོང་ཡོད་མི་ཆ་རོགས་གཅིག་  གཅིག་ཁར་ཡོདཔ་ལས་བློ་བདེ་ཡི།      

  ང་བཅས་ཚུ་གི་  རེ་ལི་འདི་རྒྱ་གར་ཀུཆ་བི་ཧཱར་ལས་  དྲོ་པ་ཆུ་ཚོད་བཅུ་ཐམ་ན་རྐྱངམ་གཅིག་ ཨིན་རུང་   རྒྱ་གར་གྱི་ཁྲོམ་སྡེ་   ཇཱའི་སྒང་ན་  ལས་བཤོལ་ངོ་རྒོལ་འགྲེམ་སྟོན་ཡོདཔ་ལས་  འབྲུག་ཕུན་ཚོགས་གླིང་ལས་  དྲོ་པ་ཆུ་ཚོད་གསུམ་ན་འགྱོ་ཡི།  ཀུཆ་བི་ཧཱར་རེ་ལི་ཞབས་ཏོག་ལྟེ་བ་ན་  ཆུ་ཚོད་ ཕྱེད་དང་གཉིས་ཀྱི་རྒྱབ་ལས་ལྷོད་ཅི།  ང་བཅས་ཀྱི་རེ་ལི་འདི་  དྲོ་པ་ཆུ་ཚོད་བཅུ་ཐམ་ན་ཨིན་རུང་   རྒྱུ་མཚན་ག་ཅི་ལུ་བརྟེན་ཨིན་ན་མ་ཤེས་  རེ་ལི་འདི་དུས་ཚོད་ན་མ་ལྷོདཔ་མ་ཚད་ དུས་ཚོད་ལེ་ཤཱ་ཕྱི་བའི་ཤུལ་  ཕྱི་རུའི་ཆུ་ཚོད་ ཕྱེད་དང་བཞི་ལུ་ལམ་འགྲུལ་འགོ་བཙུག་ཡི།  ནམ་བྱཱར་ཚད་པའི་ནང་   དཀའ་སྡུག་ལེ་ཤཱ་མྱོང་བཅུགཔ་ལས་  བཟོད་པ་སྒོམ་པའི་མཐའ་ལས་བརྒལ་འདི་   ཉན་མི་མེད་རུང་མར་མུར་བཏང་  ངག་གིས་སྡིག་པ་ཡང་ལེ་ཤཱ་བསག་བཅུག་ཡི།





8 comments:

  1. Appreciated the first Dzongkha blogging of this kind. Like your idea of being the son of Pelden Drukpa.

    ReplyDelete
  2. laybay gee tang nu maray la!! nice one..

    ReplyDelete
  3. haha. Good one, man.I have to learn Dzongkha typing. Check the first line. There shouldn't be 'sa' in 'gi' when u say 'butshu rang 'gi' mitshey na. Looking forward to the continuation of the post. :)

    ReplyDelete
    Replies
    1. ok bro.....thank you for the correction...am on with the continuation,,

      Delete
  4. oh wow.!!!.dzongkha ya jo tubay tey....kudos Pema.(y)..nice post and looking forward to the continuation:)

    ReplyDelete
    Replies
    1. Thank you sonam.... Just trying my best..continuation is coming soon...lol

      Delete

Related Posts Plugin for WordPress, Blogger...