འཕྲོ་མཐུད།།་་་་་་་་ དེའི་ཤུལ་ལས་རེ་ལི་ལྷོད་འབད་ ནང་ན་འཛུལ་བའི་སྐབས་ལུ་ཡང་
རང་ལུ་ ཧེ་མ་འགྱོ་བའི་ཉམས་མྱོང་མེད་ནི་འདི་གིས རེ་ལི་སྒྲོམ་ཆུང་ ལེ་ཤཱ་ ཅོག་འཐདཔ་མཐོངམ་ལས་ ཀུ་ལི་ཚུ་ལས་རྒྱབ་སྐྱོར་ལེན་མ་ཚུགས་པ་ཅིན་
ཅ་ལ་དང་མི་དང་འབད་བའི་བསྒང་ལས་ མགུ་འཐོམས་ ནང་ན་འཛུལ་ཚུགས་ཚུགས་པ་ལུ་
ལུས་ཀྱི་བདེ་བ་དང་ སེམས་ཀྱི་དགའ་བ་ཡང་ མིང་ཙམ་ཅིག་ཨིན་པའི་ སླབ་ཐངས་ཅིག་ལུ་འགྱུར་ནི་འབད་ཡི།
ཨིན་རུང་ ཚར་གཅིག་ནང་ན་ འཛུལ་ཚར་འབད་ རང་གི་སྡོད་ཁྲི་གུ་ལུ་ལྷོད་ ཅ་ལ་ཚུ་ཞིབ་ཚརལྦ་ད་
སེམས་དང་ལུས་གཉིས་ལུ་ བག་ཕེབས་དུམ་གྲ་ཅིག་འཐོབ་ཅི།
བདེ་བ་དང་བག་ཕེབས་དེ་སྦེ་འབྱུང་རུང་ བཞེས་སྒོ་བཟའ་དུས་ལུ་ལྷོདཔ་ད་
ད་རུང་ཡང་ ཕ་མའི་དྲུང་དུ་སྡོདཔ་ད་ གདམ་ཁ་ཆེ་བའི་དབང་གིས་
རེ་ལི་འདི་ནང་ཐོབ་མི་བཞེས་སྒོ་ལུ་བལྟ་འདི་ ཟ་ཁམས་མ་ཐོབ་ལས་ ད་རུང་ཡང་ དཀའ་བ་དང་སྡུག་པའི་ལས་
སྔར་ག་ཨིནམ་མྱོང་དགོཔ་འབྱུང་ཡི། ཨིན་རུང་ གང་ཟག་རང་ར་སོའི་ལས་ཀྱི་ བཀྲེས་སྐོམ་གྱི་སྡུག་བསྔལ་ལས་
མ་འགྲོལ་ནི་འདི་གིས་ སྲོག་འཚོ་ཚུགས་པའི་ཟས་ བཞེས་སྒོ་འདི་ལས་གཞན་མེདཔ་ལས་
ཟ་ཁམས་མེད་རུང་ ཤུགས་ཆུ་ལུ་བརྟེན་འདི བཟའ་དགོསཔ་འབྱུང་ཡི། རང་ལུ་དཀའ་ངལ་འདི་བཟུམ་མྱོངམ་ལས་ རང་དང་ཅོག་འཐདཔ་སྦེ་
བཞེས་སྒོ་ལུ་གདམ་ཁ་ཆེ་མི་ཚུ་ལུ་ རེ་ལི་ནང་འགྲོ་འགྲུལ་འབད་བའི་སྐབས་ རང་དང་གཅིག་ཁར་
སྐྱུར་རྫས་ (pickle) ཡང་ན་ ཁ་ཟས་ལག་ཟས་རེ་ བསྣམ་བྱོན་དགོ་པའི་ དྲན་སྐུལ་ཞུ་ནི་ཨིན་།
ད་རུང་དཀའ་ངལ་འདི་གུ་ གཅིག་ཁར་འགྲོ་འགྲུལ་འབད་མི་ འགྲོ་འགྲུལཔ་ཉག་ཉོག་ཚ་དྲག་ གཞན་དང་མ་འདྲཝ་ ཕྱདཔ་ད་འདི་
དབུགས་འགམ་ཨིན་ན་ ཙིགཔ་ཟལྦ་ཨིན་ན་མ་ཤེསཔ་སྦེ་འགྱོ་ནི་འདུག། ཨིན་རུང་ རེ་ལི་འདི་ནང་ རང་དང་རོགས་
ཅོག་འཐདཔ་ཨིན་པའི་དྲན་གསོ་འབད་འདི་ ཞེ་སྡང་མེ་བཟུམ་འབར་ཏེ་
བྱང་ཁོག་གག་ས་ས་ཀྱི་ དབུགས་གཏུམ་སྟེ་འོང་མི་འདི་ཡང་ རང་གི་སེམས་རང་གི་གསོ་སྟེ་ བཟོད་པ་སྒོམ་སྡོད་དགོཔ་ཡང་འབྱུངམ་ལས་
ཉམས་རོགས་ཚུ་ལུ་ཡང་ ཡང་བསྐྱར་དྲན་གསོ་ཞུལྦ་ཨིན།
མཇུག་ར་ མི་ཚེ་གཉིད་ལམ་བཟུམ་ཅིག་ལུ་བསམ་སྟེ་ རང་ལུ་འདི་བཟུམ་མའི་དཀའ་སྤྱདའབྱུང་རུང་ དཀའ་སྡུག་དང་རྐྱེན་ངན་ཚུ་ གཉིད་ལམ་བཟུམ་ཅིག་དང་
ཉམས་མྱོང་དང་ཚོར་བ་འདི་ཚུ་ བལྟ་བརྒྱ་མཐོང་བརྒྱ་དགོ་པའི་འབངས་མཛོད་ནང་
རིན་ཆེ་བའི་ནོར་བུ་བཟུམ་ དྲན་ཤེས་བསྐྱེད་ནི་ཤེས་ཅི། ལྷག་པར་དུ་ འདི་བཟུམ་མའི་མྱོང་བ་ཚུ་
བརྟག་པ་བརྟན་པ་མེད་པའི་མི་ཚེ་འདི་གི་ མཐོང་སྣང་ཅིག་ཨིནམ་འབད་
ཧ་གོ་ཡི། འདི་ནང་ལས་ཡང་ དེ་བཟུམ་མའི་ཚོར་སྣང་འདི་ རང་རྐྱངམ་ཅིག་གི་མེན་པར་ རེ་ལི་ནང་འགོ་ཐོག་
འགྱོ་མི་ག་ར་གྱི་ཉམས་མྱོང་ཅིག་ཨིནམ་འབད་ཧ་གོ་ཚུགས་ཅི།
ག་ར་ལུ་ ང་དང་ཅིག་ཁར་ རེ་ལི་ནང་འགྲོ་འགྲུལ་འབད་བའི་ ཉམས་མྱོང་བརྗེ་སོར་མཛད་གནང་།
བཀའ་དྲིན་ཆེ།།
